7284

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:45, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚད་མ་བཞི
Tibetan Definition (དབུ་མ) 1 དཔལ་ལྡན་ཟླ་བའི་ཚིག་གསལ་ལས་ཚད་མ་ལ་བཞི་གསུངས་ཏེ། མངོན་རྗེས་གཉིས། ལུང་གི་ཚད་མའམ་ཡིད་ཆེས་རྗེས་དཔག དཔེ་ཉེར་འཇལ་གྱི་རྗེས་དཔག་དང་བཞིའོ། །2 དགག་བྱ་ངོས་འཛིན་བཤད་པའི་སྐབས་སུ་ཚད་མ་བཞི་ཞེས་པ། དགག་བྱའི་འཆད་ཚུལ་ངེས་པའི་ཚད་མ། གཅིག་དང་ཐ་དད་གང་རུང་དུ་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པ་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་པའི་ཚད་མ་དང་བཞིའོ། །འདི་དང་གནད་བཞི་ཞེས་པ་གཉིས་གནད་གཅིག་གོ།