From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚིག་གྲོགས
|
Tibetan Definition
|
(བརྡ་སྤྲོད) ཚིག་ལ་རམ་འདེགས་བྱེད་པའི་མིང་གི་ཆ་ཤས་སམ་ཡན་ལག་སྟེ། དཔེར་ན་ལག་པ་ཞེས་པའི་ “པ” དང་། མཐོན་པོ་ཞེས་པའི་ “པོ” ། ཀ་བ་ཞེས་པའི་ “བ” ། ལན་ཚ་ཞེས་པའི་ “ལན” ། རྒྱ་ཚ་ཞེས་པའི་ “རྒྱ” ། གཞན་ཡང་བསླུ་བྱའི་སྲོག་ཅེས་པའི་ “སྲོག” དང་། ཕྱིར་བསློག་བྱ་ཞེས་པའི་ “ཕྱིར” དང་། བསྲེག་བྱའི་བུད་ཤིང་ཞེས་པའི་ “བུད་ཤིང” ། བསལ་བྱའི་སྐྱོན་ཞེས་པའི་ “སྐྱོན” སོགས་ཚིག་གྲོགས་ཡིན་པར་སི་ཏུ་འགྲེལ་ལས་གསུངས་སོ། །དེ་ཉིད་ལས། དེ་ལྟར་བྱ་བའི་ཡུལ་ལ་འཇུག་པའི་སྒྲ་འདི་རྣམས་ལ་ཚིག་གྲོགས་དང་སྦྱར་ནས་དཔེར་བརྗོད་པ་ནི་གོ་སླ་བའི་ཕྱིར་ཏེ་གཞན་དུ། བཀན་བྱ། བཀོལ་བྱ། བགམ་བྱ། བཅར་བྱ། བཅང་བྱ། ཞེས་སོགས་སྨོས་པ་ཉིད་ཀྱིས་བྱ་བའི་ཡུལ་གྱི་སྒྲ་ཡིན་པ་རྟོགས་པར་ནུས་པའི་ཕྱིར་སྐབས་ཐོབ་ཀྱི་དཔེར་བརྗོད་དངོས་ནི་དེ་རྣམས་ཉིད་དོ། །ཞེས་སོགས་ཀྱི་གཞུང་གོང་འོག་རྣམས་བཀླགས་པས་ཤེས་པར་ནུས་སོ། །
|