7335

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚིག་རྒྱན
Tibetan Definition (བརྡ་སྤྲོད) 1 བརྗོད་བྱ་ལྷག་པོ་སྟོན་རྒྱུ་ཡོད་ཀྱང་རུང་མེད་ཀྱང་རུང་། ཚིག་གི་ཉམས་འདོན་བྱེད་དམ་མཛེས་བྱེད་ཅིག་ལ་ཟེར། དཔེར་ན། ཉེ་བར། རྣམ་པར། ཡོངས་སུ། ཤིན་ཏུ། རབ་ཏུ། མངོན་པར་སོགས་སོ། །2 (བརྡ་སྤྲོད) སུམ་རྟགས་ཀྱི་སྐབས་སུ་ཚིག་རྒྱན་ཞེས་པ་ “ཀྱང” “ཡང” “འང” གསུམ་གྱི་ཚིག་ཕྲད་གསུམ་པོ་དེ་རྣམས་ལ་ཟེར། སི་ཏུ་འགྲེལ་ཆེན་ལས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པས་བསྟན་ཏེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི། འི། གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་། འང་། ཞེས་པར་གྲུབ་པ་དང་། འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་བཅས་གསུམ་པོ་དེ་རྣམས་ནི་ཚིག་ཕྱི་མ་མཐུན་པའམ་མི་མཐུན་པར་སྟོན་པའི་ཚིག་རྒྱན་གཉིས་དང་། གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །ཞེས་སོ། །3 སྙན་ངག་གི་དོན་རྒྱན་དང་སྒྲ་རྒྱན་སོགས་ལ་བཤད།