From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚུལ་མིན་ཡིད་བྱེད
|
Tibetan Definition
|
1 ཆགས་སྡང་གི་ཡུལ་ལ་ཡིད་དུ་འོང་མི་འོང་དུ་སྒྲོ་འདོགས་པའི་བློ་འཁྲུལ་པ་ཞིག འདིས་ཆགས་སྡང་གི་བློ་སྐྱེད་པར་བྱེད། རྗེའི་དབུ་མ་དགོངས་པ་རབ་གསལ་ལས། དེ་ལ་ཡུལ་ལ་ཡིད་དུ་འོང་མི་འོང་གི་ཁྱད་པར་སྒྲོ་འདོགས་པ་ནི་ཆགས་སྡང་གཉིས་སྐྱེ་བའི་རྒྱུ་ཚུལ་མིན་ཡིད་བྱེད་ཡིན་པས། ཞེས་གསུངས་པ་ལྟར་རོ། །ཚུལ་མིན་ཡིད་བྱེད་ལ་གོ་དོན་འགའ་ཤས་ཡོད་ཀྱང་། གོ་དོན་དང་པོ་འདི་ལ་གཙོ་བོར་གོ་བ་ཡིན། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་རྒྱུའི་རྣམ་པར་རྟོག་པའོ། །ཞེས་གསུངས་སོ། །
|