From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚུལ་འཆོས
|
Tibetan Definition
|
(འདུལ་བ) ལོག་འཚོའི་ལྔའི་དང་པོ་སྟེ། རྙེད་བཀུར་གྱི་ཆེད་དུ་གཞན་གྱི་མིག་སྔར་སྤྱོད་ཚུལ་ལེགས་པར་འཆོས་པ་སྟེ་སྡོམ་པར་བྱེད་པའོ། །དབུ་མ་རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཞེས་གསུངས། དེའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས། ཚུལ་འཆོས་ནི། རྙེད་པ་དོན་དུ་གཉེར་བས་ཀུན་ནས་བསླངས་ནས་གཞན་གྱིས་བདག་ལ་བསྙེན་བཀུར་བྱས་ན་ཅི་མ་རུང་། བདག་གིས་དེ་དག་བསྒྲུབ་པར་བྱའོ་སྙམ་ནས་སྤྱོད་ཚུལ་ལེགས་པར་འཆོས་པའོ། །ཞེས་གསུངས། སྒྲ་བཤད་ནི། ཚུལ་ནི་ངང་ཚུལ་ལམ་སྤྱོད་ཚུལ་གྱི་དོན་དང་འཆོས་པ་ནི་བཅོས་པའི་དོན་ཡིན་པས་རྙེད་བཀུར་གྱི་ཕྱིར་སྤྱོད་ཚུལ་བཅོས་པའི་དོན་ནོ། །
|