From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་ཞེས་སོགས
|
Tibetan Definition
|
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བགྱི། །ཞེས་པའི་ཚིགས་བཅད་འདི་ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ་གྱི་ཚིག་ཡིན། འོན་ཀྱང་ཚིག་རེ་ཟུང་ལ་ཁྱད་པར་ཡོད་དེ། ལམ་སྒྲོན་རང་འགྲེལ་ལས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་འདི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་ལས་བླང་བར་བྱ། །ཞེས་གསུངས།
|