From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚེ་འདིའི་སྣང་ཤས
|
Tibetan Definition
|
ཚེ་འདིའི་བསམ་བློ་ཤུགས་ཆེན་པོ། ཕྱི་མའི་དོན་ལ་མི་སེམས་པར་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་དང་ལྟོ་གོས་གཏམ་གསུམ་ཁོ་ན་དོན་དུ་གཉེར་བའི་བློ་ཤུགས་ཆེན་པོ། རྗེའི་ལམ་གཙོ་རྣམ་གསུམ་ལས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེ་གསུངས་པ་ལྟར་རོ། །
|