From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚོགས་ཅན་མ
|
Tibetan Definition
|
(འདུལ་བ) སྨད་འཚོང་མ། སྒྲ་བཤད་ནི། ཚོགས་ཀྱིས་ཡོངས་སུ་ལོངས་སྤྱོད་པར་བྱ་བ་ཉིད་ཡིན་པའི་ཕྱིར། ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ན་གསལ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༣༡ན༦ལས། ཚོགས་ཅན་མ་ནི་སྨད་འཚོང་མ་སྟེ། ཚོགས་ཅན་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་ཐམས་ཅད་དོ། །བུད་མེད་གང་ལ་སྐྱེ་བོའི་ཚོགས་ཐམས་ཅད་བདག་པོར་ཡོད་པ་དེ་ནི་ཚོགས་ཅན་མ་ཞེས་བྱ་བའོ། །ཞེས་གསུངས། ལི་ཤིའི་གུར་ཁང་ལས། ཚོགས་ཅན་མ་ནི་སྨད་འཚོང་མའི་ཚོགས་ལ་ཟེར་བའང་སྣང་། ཞེས་གསུངས།
|