7410

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:55, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚོགས་རམས་པ
Tibetan Definition དགེ་བཤེས་འབྲིང་ཁག་ཅིག སེར་བྱེས་མཁས་སྙན་གྲྭ་ཚང་གི་གསུང་རྒྱུན་ལ་ལྷ་ཚོགས་གཉིས་ལན་གཙོ་བོ་དང་། གླིང་བསྲེ་དང་རིགས་རམས་པ་གཉིས་བཤད་པ་གཙོ་བོ་ཡིན་ཞེས་བཤད་སྲོལ་ཡོད། སྒྲ་བཤད་ནི། དགའ་ལྡན་གྱི་ཚོགས་མཆོད་སྨོན་ལམ་སྐབས་གྲྭ་སྐོར་དམ་བཅའ་བཞག་པའི་དགེ་བཤེས་ཡིན་པས་ཚོགས་རམས་པ་ཟེར་རོ། །དེ་ཡང་ཚོགས་ནི་ཚོགས་མཆོད་སྨོན་ལམ་དང་། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་གོ །སྒོ་མང་སོག་པོ་མཁན་ཟུར་ངག་དབང་ཉི་མའི་གསུང་འབུམ་ཐོར་བུའི་ནང་དེའི་སྐོར་ཟུར་ཙམ་གསལ་ལོ། །