7428

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:57, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚོམས
Tibetan Definition 4 ཚོམ་བུ་ཚོམ་བུར་བྱས་ནས་སྤུངས་པའི་ཕུང་པོ། སྡེ་ཚན་སྡེ་ཚན་དུ་བྱས་ནས་སྤུངས་པའི་ཕུང་པོ་ལ། ཚོམས་ཟེར། ཚོམས་དང་། བུངས། ཐང་མ་གསུམ་ག་ཡང་ཕུང་པོའི་དོན་ཡིན་པ་འདྲ་ནའང་། ནང་གསེས་ཀྱི་ཁྱད་པར་ནི། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཐང་མ་ཞེས་བྱ་བ་ནི་བཀྲམ་པའི་ཕུང་པོའོ། །ཚོམས་ཞེས་བྱ་བ་ནི་བཤིག་པའི་ (འདིའི་བཤིག་པ་ཞེས་པ་ནི་ཕུང་པོ་ཆེན་པོ་དེ་ལས་དུམ་བུ་ཆུང་ངུ་ཆུང་ངུར་བཏང་བའི་དོན་ཡིན) ཕུང་པོའོ། །བུངས་ཞེས་བྱ་བ་ནི་ཚོམས་ (ཚོམ་བུ་མང་པོ་སྤུངས་པའི་ཕུང་པོ) དག་གི་ཕུང་པོའོ། །ཞེས་གསུངས་སོ། །ཚོམ་བུ་དང་དོན་གཅིག་གོ།