From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཛོ་གི
|
Tibetan Definition
|
(རྒྱ་གར) ཡོ་གི་སྟེ་རྣལ་འབྱོར་པའི་མིང་། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོར། ཛ་དང་ཡ་གཉིས་རྒྱ་སྐད་ལ་ཤིན་ཏུ་འདྲ་བས། ཡ་མཱ་རི་ལ་ཛ་མ་རི་དང་། ཡོ་གི་ལ་ཛོ་གི་སོགས་སུ་འབོད་པ་ལྟ་བུ་ཡིན་ཞེས་གསལ། ཛོ་གི་དང་ཛོ་ཀི་ཞེས་འབྲི་ཚུལ་གཉིས་ལས་ཛོ་གི་ལེགས་པར་སྣང་། བོད་རྒྱ་ཚིག་མཛོད་ཆེན་མོར། ཛོ་ཀི་ཞེས་པ། སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་གི་དོན་ལ་བཤད་པ་ནི་གནད་མ་ཕིགས་པའི་སྤམ་བཤད་ཅིག་ཏུ་སྣང་སྟེ། ཛོ་གིའམ་ཡོ་གི་ཞེས་པ་ནི་རྣལ་འབྱོར་པའམ་ཁྱིམ་སྤངས་པའི་བྱ་བྲལ་བ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་དེ། རྒྱ་གར་བས་དེང་སང་ “साधु” “སཱ་དུ” ཟེར་བ་དེ་དང་དོན་གཅིག རྒྱ་གར་བས་ཡུལ་སྐད་ལ་ཇོ་གི་ཞེས་བརྗོད། ཇོ་གི་ཞེས་པའི་ཐ་སྙད་འདི་རྒྱ་གར་གྱི་གློག་བརྙན་རྙིང་པ་རྣམས་སུ་ཇོ་གི་ཞེས་པ་ “साधु” “སཱ་དུ” རང་ལ་བེད་སྤྱོད་བྱེད་ཀྱི་འདུག
|