From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཝ་མོ
|
Tibetan Definition
|
གཅན་གཟན་ཞིག ཝ་དང་ཝ་སྐྱེས་ཡང་ཟེར། སྒྲ་བཤད་ནི། འདི་ལ་ཝ་ཞེས་པ་ནི་ཝ་ཝ་ཞེས་པའི་སྐད་འབྱིན་པའི་ཆ་ནས་མིང་བཏགས་པ་ཡིན། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༡༧༢། ལྤགས་སྔོན་ཝ། ཞེས་པའི་ཐད་ལས། ཝ་རྣམས་ཀྱིས་གྲོས་བྱས་པས། འོ་ཅག་གི་དཔོན་པོ་འདི་མཇུག་མའམ། མཚུལ་བའམ་འོ་ཅག་ཝའི་རིགས་ཤིན་ཏུ་འདྲ་བ་ཅིག་འདུག་པས། འོ་ཅག་ཐམས་ཅད་ཁོའི་སྔོན་དུ་སྐད་འདོན་ནོ་བྱས་ཏེ། ཐམས་ཅད་ཀྱིས་ཝ་ཝ་བྱས་ནས་སྐད་བཏོན་པས། ཞེས་གསུངས་པ་འདིས་ཤེས་ནུས་སོ། །
|