From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཞི་བའི་དོན་ཚན་ལྔ
|
Tibetan Definition
|
ཕྱི་ལོ་༡༩༨༧ཟླ་༩ཚེས་༢༡ཉིན་ཝ་ཤིང་ཀྲོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ནས་བོད་ཀྱི་ཆེད་དུ་ཞི་བའི་དོན་ཚན་ལྔ་འཇོག་གནང་མཛད་པ་གཤམ་གསལ། ༡ བོད་ས་ཡོངས་རྫོགས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ། ༢ རྒྱ་ཕྱོགས་ནས་བོད་མི་རིགས་ཀྱི་གསོན་གནས་ལ་གནོད་པའི་རྒྱ་མི་བོད་ནང་གནས་ སྤོ་བྱ་རྒྱུའི་སྲིད་ཇུས་དོར་དགོས། ༣ བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོའི་མདུན་ལམ་ལ་སྲུང་བརྩི་དགོས་རྒྱུ། ༤ བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དང་ཉམས་གསོ་དགོས་རྒྱུ་མ་ཟད། བོད་དུ་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་དེའི་སྙིགས་རོ་སྦས་བསྐུངས་བྱ་རྒྱུ་མཚམས་འཇོག་དགོས། ༥ བོད་ཀྱི་མ་འོངས་གནས་སྟངས་དང་བོད་རྒྱའི་འབྲེལ་བའི་ཐོག་གྲོས་མོལ་ནན་གཟབ་ཅིག་གང་མྱུར་འགོ་འཛུགས་དགོས་པ་བཅས་སོ། །
|