7539

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:12, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞིང༌
Tibetan Definition (བརྡ་སྤྲོད) འདི་ལ་མཁས་པ་ཚོས་ཐ་སྙད་འདྲ་མིན་བཏགས་པ་དང་འགྲེལ་བཤད་འདྲ་མིན་ཞིག་བྱེད་རུང་། གཙོ་བོར་དོན་གསུམ་ལ་འཇུག་སྟེ། 1 དང་སྒྲ་དང་མཚུངས་པའི་སྒྲ་ཞིག དཔེར་ན་ཡང་ཞིང་གཡོ། ཞེས་པ་ལྟ་བུ། 2 གྱིན། གིན། ཀིན། བཞིན། ནས་སོགས་དང་འཇུག་པ་མཚུངས་པའི་སྒྲ་ཞིག དཔེར་ན། འཁྱོར་ “ཞིང” འགྲོ་ལྟ་བུ། ཞེས་པ་ལྟ་བུ། 3 ནས། ཏེ་དེ་སྟེ་རྣམས་དང་འཇུག་པ་མཚུངས་པའི་སྒྲ་ཞིག དཔེར་ན་རྗེ་གུང་ཐང་པས། གཟུར་གནས་རིག་པར་ལྡན་པ་དེས། །གཞན་གྱི་ཡོན་ཏན་ལེན་པར་བྱེད། །སྤང་ལྗོང་གཙང་མའི་དལ་འགྲོ་མ། །ལྷུང་ལྷུང་ཟེར་ “ཞིང” མེ་ཏོག་འཐུ། །ཞེས་པ་ལྟ་བུ། ལྷུང་ལྷུང་ཟེར་ “ནས” མེ་ཏོག་འཐུ། །ཞེས་པའམ། ལྷུང་ལྷུང་ཟེར་ “ཏེ” མེ་ཏོག་འཐུ། །ཞེས་པ་ལྟ་བུའོ། །སྦྱོར་ཚུལ་ནི། ལྗོན་དབང་ལས། ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ཅེས་གསུངས་པ་ལྟར་རོ། །སྨྲ་སྒོ་ལས་ཀྱང༌། ཀྱང་ཡང་སོགས་དང་འཇུག་པ་མཐུན་པའི་བསྡུ་བའི་དོན་ལ་འཇུག་པ་ཡང་བཤད་དེ། དེ་ཉིད་ལས། ཅིང་ལ་སོགས་པ་བསྡུ་བ་དང༌། །མཚམས་སྦྱོར་དག་ཏུ་འདོད་པ་ཡིན། །ཞེས་གསུངས་སོ།། འདིའི་བསྡུ་བ་ཞེས་པ། ཆོས་གཉིས་གཞི་གཅིག་གི་སྟེང་སྡུད་པར་བྱེད་པ་ལ་ཟེར་བ་ཡིན་ཏེ། དཔེར་ན་ལག་པ་འདི་ནི་འཇམ་ “ཞིང” མཉེན་ནོ། །ཞེས་པ་ལྟ་བུའོ། །འདིའི་བསྡུ་བ་དང་གོང་གི་གཞི་མཐུན་པའི་མཚམས་སྦྱོར་གཉིས་ཐ་སྙད་སྦྱོར་ཚུལ་ཙམ་དོན་གཅིག་པར་སེམས་སོ། །4 ཡུལ། ཡུལ་ལུང༌། སངས་རྒྱས་ཀྱི་ཞིང༌། དག་ཞིང་ཞེས་པ་ལྟ་བུའོ། །