From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཞེ
|
Tibetan Definition
|
2 གྲངས་བཞི། དཔེར་ན་ཞེ་གཅིག ཞེ་གཉིས། ཞེ་གསུམ་ཞེས་པ་ལྟ་བུ། བཞི་གཅིག བཞི་གཉིས། བཞི་གསུམ་ཞེས་བརྗོད་ཀྱང་རུང་སྟེ། བཅུ་གཅིག བཅུ་གཉིས། བཅུ་གསུམ་ཞེས་བརྗོད་པའི་ཕྱིར་རོ། །བཞི་གཅིག་ཅེས་མི་བརྗོད་པར་ “ཞེ་གཅིག” ཅེས་བརྗོད་པ་ནི་གཙོ་བོ་བརྗོད་བདེའི་དབང་དང་། གཞན་ཡང་བཞི་དྲུག་ཅེས་བརྗོད་ན་གྲངས་ཉི་ཤུ་རྩ་བཞི་ལ་གོ་རྒྱུའི་འཁྲུལ་གཞི་ཡང་ཡོད་པའི་ཕྱིར་ཏེ། མདོ་རྩ་བ་ལས། སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཞེས་བཞི་དྲུག་ཅེས་པ་ཉེར་བཞི་ལ་གསུངས་པའི་ཕྱིར་རོ། །བཅོ་ལྔ་ཞེས་པའི་ “བཅོ” ནི་བཅུའི་དོན་དང་། ཉེར་གཅིག་ཅེས་པའི་ “ཉེར” ནི་གཉིས་ཀྱི་དོན། སོ་གཅིག་ཅེས་པའི་ “སོ” ནི་གསུམ་གྱི་དོན། ཞེ་གཅིག ཅེས་པའི་ “ཞེ” ནི་བཞིའི་དོན། ང་གཅིག་ཅེས་པའི་ “ང” ནི་ལྔའི་དོན། རེ་གཅིག་ཅེས་པའི་ “རེ” ནི་དྲུག་གི་དོན། དོན་གཅིག་ཅེས་པའི་ “དོན” ནི་བདུན། གྱ་གཅིག་ཅེས་པའི་ “གྱ” ནི་བརྒྱད། གོ་གཅིག་ཅེས་པའི་ “གོ” ནི་དགུའི་དོན་ཡིན་པ་བཅས་སོ། །
|