From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| ཟ་མ
|
| Tibetan Definition
|
1 (འདུལ་བ) དབང་པོ་ལས་སུ་མི་རུང་བའི་གང་ཟག་གམ། སྐྱེས་ཙམ་ནས་ཕོ་མོའི་དབང་པོ་གང་དང་ཡང་མི་ལྡན་པའི་གང་ཟག་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༥ན༤ལས། ཟ་མ་ཞེས་བྱ་བ་ནི་དབང་པོ་ལས་སུ་མི་རུང་བའོ། །ཞེས་གསུངས་པ་ལྟར་རོ། །དཔེར་ན་སྐྱེས་ནས་མ་ནིང་ལྟ་བུ། ཟ་མ་ཞེས་ངོས་འཛིན་བྱེད་སའི་གཙོ་བོ་ནི་སྐྱེས་ནས་མ་ནིང་འདི་རང་ཡིན་ནོ། །
|