From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཟ་མ
|
Tibetan Definition
|
2 (འདུལ་བ) འཁྲིག་སྤྱོད་བྱེད་པའི་ནུས་པ་དང་མི་ལྡན་པའི་གང་ཟག དཔེར་ན་མཚོན་དང་ནད་དང་མེ་དང་སྔགས་ལ་སོགས་པས་མཚན་མ་ཆད་པའི་གང་ཟག་ལྟ་བུ། ད་དུང་ཟ་མའི་སྐོར་ཞིབ་ཏུ་བལྟ་བར་འདོད་ན། བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༣༦ན༢ལས་འདི་ལྟར་བཤད་དེ། ཟ་མ་ནི། དགེ་ལེགས་བཤེས་གཉེན་ (འདུལ་བ་གཞི་རྒྱ་ཆེར་འགྲེལ་ན་དེ་ལྟར་གསུངས་ཀྱང་། དེས་མཛད་པའི་ལུང་ཞུ་བའི་འགྲེལ་པ་ལས་ནི། ཟ་མ་ནི་ཕོའི་དབང་པོ་མེད་པའི་ཕྱིར་རོ། །ཞེས་ཀྱང་གསུངས་སོ) ན་རེ། རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའམ། ས་བོན་མེད་པ་ལ་ཟེར་ལ། དུལ་བ་ལྷས། དབང་པོ་ལས་སུ་མི་རུང་བ་ཟེར། ས་གའི་ལྷས། གང་ཞིག་གྲོང་གི་ཆོས་དག་གི །ནུས་མེད་དེ་ནི་ཟ་མའོ། །ཞེས་བཤད། གཞུང་འགྲེལ་དུ། ཕོའི་དབང་པོ་མེདཔས་ཟ་མ་དང་། མོའི་དབང་པོ་མེད་པས་མ་ནིང་ངོ་། །ཞེས་ཏེ་ཞེས་གསུངས་སོ། །
|