From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཟང་ཟིང
|
Tibetan Definition
|
(ཕར་ཕྱིན) 1 ཟང་ངི་ཟིང་ངིའི་བསྡུས་ཚིག 2 རྙེད་པ། རྒྱུ་ནོར་ལོངས་སྤྱོད་ཀྱི་མིང་། དགེ་སློང་དག་ང་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་གནས་པ་ཡིན་གྱི། ཟང་ཟིང་གི་བག་སྐལ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་རྣམ་བཤད་རིགས་པ་ལས་གསུངས་པ་ལྟར་རོ། །3 འདོད་ཡོན། རྣམ་བཤད་རིགས་པ་ལས། འདོད་པའི་ཡོན་ཏན་རྣམས་ལ་ནི་གང་ལ་སོ་སོའི་སྐྱེ་བོ་རྣམས་ཆགས་པ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་དྲག་པོ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །4 གཟུགས། རྣམ་བཤད་རིགས་པ་ལས། གཟུགས་ལ་ནི་ཟང་ཟིང་དང་བཅས་པའི་རྣམ་པར་ཐར་པ་གང་ཞེ་ན། གཟུགས་དང་ལྡན་པ་གང་ཡིན་པའོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་གསུངས། 5 ཟས་སྤྱིའི་མིང་། རྣམ་བཤད་རིགས་པ་ལས། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་ཞེས་འབྱུང་བ་ལྟ་བུའོ། །6 ཤའི་མིང་། འཇིག་རྟེན་ན་ཟང་ཟིང་གི་སྒྲ་ཤ་ལ་ཡང་ཡོད་དོ། །ཤ་མེད་པའི་ཟས་དང་ཞེས་འབྱུང་བ་ལྟ་བུའོ། །ཞེས་གསུངས་སོ། །ཟང་ཟིང་གི་སྦྱིན་པའང་གཙོ་བོ་ཤ་སྟེར་བའི་དོན་དུ་བཤད་ཅེས་ལི་གུར་གསུང་། རྣམ་བཤད་རིགས་པ་༼ བསྟན་འགྱུར་སེམས་ཙམ་ཤི་པ་༣༥རབ་༡ ༽ལས། ཟང་ཟིང་ཞེས་བྱ་རྙེད་པ་དང༌། །འདོད་ཡོན་གཟུགས་དང་ཟས་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །7 ཟག་བཅས། དཔེར་ན་ཟག་བཅས་ཀྱི་ཚོར་བ་ལ། ཟང་ཟིང་དང་བཅས་པའི་ཚོར་བ་ཟེར་བ་ལྟ་བུའོ། །
|