From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཟད་པར
|
Tibetan Definition
|
1 མ་ལུས་པ། ཀུན། ཐམས་ཅད། ཐམས་ཅད་དུ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༧བ༡ལས། ཟད་པར་ཞེས་བྱ་བ་ནི་ཐམས་ཅད་དུའོ། །ཞེས་གསུངས་སོ། །དཔེར་ན་ཀླུ་སྒྲུབ་ཀྱི་དབུ་མ་རྟེན་འབྲེལ་སྙིང་པོ་ལས། ཐུབ་པས་རྟེན་འབྲེལ་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང་། །གསུམ་པོ་དག་ཏུ་ཟད་པར་འདུས། །ཞེས་གསུངས་པ་ལྟ་བུའོ། །དེའི་རང་འགྲེལ་རྟེན་འབྲེལ་སྙིང་པོའི་རྣམ་པར་བཤད་པ་ལས། ཟད་པར་ཞེས་བྱ་བ་ནི་མ་ལུས་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས་ཀྱང་། ཀུན་ནམ་ཐམས་ཅད་ཀྱི་མིང༌། ཐམས་ཅད་སྣ་ཚོགས་མ་ལུས་དང༌། །ཟད་པར་ལྷག་མེད་ལུས་མེད་པ། །ཞེས་གསུངས་པ་ལྟར་རོ། །
|