From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཟས་ཀྱི་ཚོད་རིག་པ
|
Tibetan Definition
|
ཟས་མང་ཉུང་རན་པོ་ཟ་བའི་དོན། རྗེའི་ལམ་རིམ་ཆེན་མོ་ལས། ཟས་ཀྱི་ཚོད་རིག་པ་ནི། ཟས་ཧ་ཅང་མང་ཉུང་དུ་ཟ་བ་སྤངས་ཏེ་དགེ་བའི་བྱ་བ་ལ་མི་གནོད་པའི་ཚོད་ཙམ་དུ་ཟ་བའོ། །དེ་ཡང་ཁ་ཟས་ལ་སྲེད་པའི་ཉེས་དམིགས་བསྒོམས་ནས། ཉོན་མོངས་ཅན་མ་ཡིན་པ་དང་། སྦྱིན་པ་པོ་ལ་ཕན་གདགས་པ་དང་། ལུས་ཀྱི་སྲིན་བུ་ད་ལྟ་ཟང་ཟིང་གིས་བསྡུས་ལ་མ་འོངས་པ་ན་ཆོས་ཀྱིས་བསྡུ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་སྙམ་པའི་བསམ་པས་བཟའ་བར་གསུངས་པ་ཡང་དྲན་པར་བྱའོ། །བཤེས་སྤྲིངས་ལས་ཀྱང་། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ། །
|