From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་བ་འདེབས་པའི་ལྟུང་བྱེད
|
| Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་ཉེར་གསུམ་པ། ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་བ་འདེབས་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ཟས་ལ་སོགས་པའི་ཆེད་དུ་ཆོས་སྟོན་པ་མ་ཡིན་པ་ལ་ཟས་ལ་སོགས་པའི་ཆེད་དུ་དགེ་སློང་མ་ལ་ཆོས་བསྟན་ཏོ། །ཞེས་སྐུར་པ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་དགའ་བྱེད་ལ་སྐུར་བ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ།༌།དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །
|