7691

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟུང་འཇུག་གི་སྙིང་རྗེ
Tibetan Definition (བཀའ་བརྒྱུད) བདེ་བ་ཆེན་པོའི་ཡེ་ཤེས། སྒྲ་བཤད་ནི། བདེ་བ་ཆེན་པོའི་ཡེ་ཤེས་དེ་བདེ་སྟོང་ཟུང་འཇུག་ཡིན་པ་དང༌། རང་གཞན་གྱི་སྡུག་བསྔལ་འཇོམས་པའི་ཕྱིར་སྙིང་རྗེ་དང་བྱེད་ལས་མཚུངས་པས་སྙིང་རྗེའི་མིང་གི་བཏགས་པས་དེ་སྐད་ཅེས་བྱའོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་དོན་འདྲ།