From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཟོ་ཆུན་གྱི་རྒྱུད་མོ
|
Tibetan Definition
|
འཁོར་ལོའི་མུ་ཁྱུད་ལ་ཟོ་བ་མང་པོ་བཏགས་པའི་ཁྲོན་པ་སོགས་ནས་ཆུ་འཐེན་པའི་ཐབས་སུ་གྱུར་པའི་འཕྲུལ་འཁོར་གྱི་མིང་། ཆུ་བཅུ་བའམ་འདྲེན་པའི་འཕྲུལ་འཁོར། ཟོ་ཆུན་གྱི་འཕྲུལ་འཁོར། ཟོ་ཆུན་གྱི་འཁོར་ལོ་རྣམས་དོན་གཅིག རྒྱ་གར་གྱི་ཡུལ་དུ་ད་ལྟ་ཡང་མཐོང་རྒྱུ་ཡོད། གཙོ་བོ་བ་ལང་གིས་འཐེན་ནས་ཞིང་ཆུར་བེད་སྤྱོད་བྱེད། སྒྲ་བཤད་ནི། ཟོ་ནི་ཟོ་བའམ་ཟོ་ལག་སྟེ་སྣོད་ཀྱི་མིང་ཡིན་ལ། ཆུན་ནི་ཆུ་ལེན་པའི་ཐབས་ལ་ཆུ་ཆུན་ཞེས་པ་ལྟར། ཆུ་བཅུ་བའམ་འཆུ་བའི་ཐབས་སུ་གྱུར་པའི་ཟོ་བ་ཡིན་པས་ན་དེ་སྐད་ཅེས་བྱ་ལ། རྒྱུད་མོ་ནི་རྒྱུན་བར་མ་ཆད་པའི་དོན་ཏེ་འཁོར་ལོའམ་འཕྲུལ་འཁོར་གྱི་མིང་ཡིན་པས། ཆུ་བཅུ་བའི་ཟོ་བའི་འཁོར་ལོ་ཞེས་བྱ་བའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་༼ ཙུ ༽༢༨༨ན༧ལས། ཟོ་ཆུན་གྱི་རྒྱུད་མོའི་ཚུལ་གྱིས་ཞེས་བྱ་བ་ནི་ཆུ་བཅུ་བའི་ཟོ་ཆུན་རྒྱུད་མོ་ཞེས་བྱ་བ་འཁྲུལ་འཁོར་ (མ་དཔེར་འཁྲུལ་འཁོར་ཞེས་འབྱུང་ཡང་། འཕྲུལ་འཁོར་ཡིན་པར་སེམས་སོ) གྱི་བྱེ་བྲག ཅེས་གསུངས་པ་ལྟར་རོ། །ཡང་ན། ཆུན་ནི་བཅུན་པའམ་བཀྱིགས་པའམ་བསྡམས་པའི་དོན་ཡིན་པས། ཟོ་བ་མང་པོ་མཉམ་དུ་བཅིངས་པའམ་བསྡམས་པའི་འཕྲུལ་འཁོར་ཞེས་བྱ་བའི་དོན་ནོ། །
|