From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཁོན་དཀོན་མཆོག་རྒྱལ་པོ
|
| Tibetan Definition
|
དཔལ་ས་སྐྱ་པའི་གྲུབ་མཐའི་སྲོལ་གཏོད་པ་པོའམ་ཕྱག་འདེབས་པ་པོ་ཡིན་ཞིང་། རབ་བྱུང་དང་པོའི་ཤིང་ཁྱི་ལོ་སྟེ། ཕྱི་ལོ་༡༠༣༤ ལ་འཁྲུངས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། ཁེ་ཆེའི་པཎྜི་ཏ་ཧང་ངུ་དཀར་པོ། རྨ་ལོ་ཙཱ་བ་རིན་ཆེན་མཆོག འཛིམ་ལོ་ཙཱ་བ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། ས་དཀར་དབུས་ཀྱི་ལོགས་ལ་དགོན་པ་བཏབ་པས་དེ་ན་བཟུང་དཔལ་ས་སྐྱ་པ་ཞེས་ཡོངས་སུ་གྲགས་སོ། །རབ་བྱུང་གཉིས་པའི་ཆ་རྟ་ལོར་འདས། རྗེ་མར་པས་དགུང་གྲངས་སོ་གཅིག་བཞེས་པའི་ཚེ། འཁོན་དཀོན་མཆོག་རྒྱལ་པོས་དགུང་ལོ་དགུ་བཞེས་པར་དེབ་སྔོན་དུ་གསུངས་ཏེ། དེབ་སྔོན་སྟོད་ཆ་༩༩ལས། དེ་ལྟར་ན་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པས་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། ཞེས་གསུངས། འཁྲུངས་འདས་ལོ་ཚིགས། (༡༠༣༤-༡༡༠༢)
|