From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཁོར་གསུམ
|
| Tibetan Definition
|
6 སྲིད། ལོངས་སྤྱོད། ཆོས་དང་གསུམ་མོ། །རྒྱ་གར་གྱི་སློབ་དཔོན་བིདྱཱ་ཀ་ར་སིངྷས་མཛད་པའི་༼སྐྱེས་རབས་རྒྱུད་ཀྱི་དཀའ་འགྲེལ༽ལས། ནོར་ནི་འཁོར་གསུམ་ཁྱད་པར་རྒྱུ་ཡིན་ཏེ། ཞེས་བྱ་བ་ནི་སྲིད་དང་ཆོས་དང་ལོངས་སྤྱོད་དོ། །ཞེས་གསུངས། སྐྱེས་རབས་སོ་བཞི་པ་ལས། དེ་ལ་འཁོར་གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར། །ཞེས་པའི་ཐད་ཀྱི་༼ སྐྱེས་རབས་རྒྱུད་ཀྱི་དཀའ་འགྲེལ ༽ལས། འཁོར་གསུམ་ནི་འབངས་ལ་སོགས་པའི་གྲོས་མཐུན་པའི་སྲིད་དང་། ལོངས་སྤྱོད་ཀྱི་འབྱོར་བ་དང་། ཡོན་ཏན་གྱི་ཞིང་དང་། སྡུག་བསྔལ་བ་ལ་སྦྱིན་པ་རྒྱ་ཆེན་པོ་བྱེད་པའི་ཆོས་ཀྱི་འབྱོར་བ་སྟེ། དེ་རྗེས་སུ་མཐུན་ཞིང་འཚམ་པའི་ཡོན་ཏན་གྱི་ཚོགས་གཅིག་བས་གཅིག་བཟང་བས་ཕན་ཚུན་འགྲན་པ་བཞིན་དུ་གནས་པའོ། །ཞེས་གསུངས།
|