From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཁོར་བ
|
| Tibetan Definition
|
1 (མིང་ཚིག) ལས་ཉོན་གྱི་དབང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕུང་པོ། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཕུང་པོ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ། འདིའི་ཕུང་པོ་ཞེས་པ་གཟུགས་ཕུང་གཅིག་པུ་ལ་མི་གོ་བར་རྣམ་ཤེས་ཀྱི་ཕུང་སོགས་ལའང་གོ་བར་བྱའོ། །དབུ་མ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༣༢བ༥ལས། འཁོར་བ་ནི་འཁོར་བར་འགྱུར་བ་སྟེ། ཕུང་པོའི་ཚོགས་འགྲོ་གཞན་ནས་འགྲོ་བ་གཞན་དུ་ཕྱིན་པའོ། །འཁོར་བ་ཞེས་བྱ་བ་དེ་ལས་གཞན་ནི་ཡོད་པ་མ་ཡིན་གྱི། ཕུང་པོ་དེ་དག་ཉིད་འཁོར་བས་ན་དེ་སྐད་ཅེས་བྱ་སྟེ། དཔེར་ན་བྱ་རོག་གི་ནག་པོ་དང་། ཆུ་སྐྱར་གྱི་དཀར་པོ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་སོ། །སྡུག་བསྔལ་གྱི་གཞིའམ་རྒྱུ་ལ་འཁོར་བ་ཞེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༡༢བ༡ ལས། དེ་ལ་ཆོས་གང་སྡུག་བསྔལ་གྱི་གཞིར་གྱུར་པ་རྣམས་ནི། འཁོར་བ་ཞེས་བྱ་སྟེ། འདི་ལྟར་འཁོར་བ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་རྟེན་དུ་གྱུར་པ་ཕྱིར་རོ། །ཞེས་གསུངས་སོ། །
|