From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འགྲོ་བ་བཞི་དང་བྲལ་བ
|
| Tibetan Definition
|
(འདུལ་བ) 1 འདོད་ཆགས་ཀྱི་དབང་དུ་མི་འགྲོ་བ། ཞེ་སྡང་གི་དབང་དུ་མི་འགྲོ་བ། གཏི་མུག་གམ་རྨོངས་པའི་དབང་དུ་མི་འགྲོ་བ། འཇིགས་པའི་དབང་དུ་མི་འགྲོ་བ་དང་བཞི་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །འདི་ནི་དད་པ་ཅན་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། ། 2 འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དང་བཞིས་སྐུར་བ་མི་འདེབས་པ་ལ་ཟེར། འགྲོ་བའི་སྒྲ་བཤད་གོང་དུ་འགྲོ་བ་བཞིའི་ཐད་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །
|