From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞི
|
Tibetan Definition
|
(འདུལ་བ) འགྲོ་བ་ནི་ཐག་རིང་དུ་འགྲོ་བ། སྤྱིར་འཆག་པ་ནི་འགྲོ་བའི་དོན་ཡིན་ཀྱང་འདིར་ཉེ་འཁོར་དུ་འཆམ་འཆམ་བྱེད་པ། (འཆག་པ་ཞེས་པ་ཉེ་འཁོར་དུ་འཆམ་འཆམ་བྱེད་པ་ལ་ཟེར་བར། རྗེའི་ལམ་རིམ་ཆེན་མོ་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ཟིན་བྲིས་སོགས་སུ་གསལ) ཉལ་བ་ནི་གཉིད་ལོག་པ། འདུག་པ་ནི་གདན་སོགས་ཀྱི་སྟེང་དུ་འདུག་པ་དང་བཞིའོ། །གོང་དུ་བཤད་པ་ལྟར་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞིའི་ཟླས་ཕྱེ་བའི་འགྲོ་འཆག་གཉིས་ལ་ཁྱད་པར་ཅུང་ཟད་ཡོད་ཀྱང་། སྤྱིར་འགྲོ་བ་དང་འཆག་པ་གཉིས་དོན་འདྲའོ། །ཐ་སྙད་འདི་མདོ་སྡུད་པ་༡༢ན༣ལས་ཀྱང་གསུངས་ཏེ། ནམ་མཁར་གནས་ཏེ་ཅིག་ཅར་ཆོ་འཕྲུལ་རྣམ་པར་འཕྲུལ། །འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པ་སྟོན། །ཞེས་གསུངས་པ་ལྟར་རོ། །
|