From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཆི་བ་དགུ་ཕྲུགས་སུ་བསམ་པ
|
| Tibetan Definition
|
རྒྱུ་མཚན་དགུའི་སྒོ་ནས་འཆི་བའི་ཚུལ་བསམ་པ་ལ་ཟེར། ཕྲུགས་ཞེས་པ་འདིར་སྡེ་ཚན་གྱི་དོན་ཡིན། དེ་ཡང་རྒྱས་པར་བཤད་ན། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་པ་བཅད་པ་གསུམ་གྱི་སྒོ་ནས་བསམ་པ་ལ་བྱ་སྟེ། རྩ་བ་གསུམ་ནི། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པ་དང་གསུམ་མོ། །རྒྱུ་མཚན་དགུ་ནི། དང་པོ་ངེས་པར་འཆི་བའི་རྒྱུ་མཚན་གསུམ་ནི། འཆི་བདག་ངེས་པར་འོང་ལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ། གསོན་པའི་ཚེའང་ཆོས་བྱ་ལོང་མེད་པར་ངེས་པར་འཆི་བ་བསམ་པ་དང་གསུམ་མོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་རྒྱུ་མཚན་གསུམ་ནི། སྤྱིར་འཛམ་བུ་གླིང་པ་དང་སྒོས་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་པ། འཆི་བའི་རྐྱེན་མང་ཞིང་། གསོན་པའི་རྐྱེན་ཉུང་བས་ཀྱང་ནམ་འཆི་ལ་ངེས་པ་མེད་པ། ལུས་ཤིན་ཏུ་ཉམ་ཆུང་བས་ཀྱང་ནམ་འཆི་ལ་ངེས་པ་མེད་པ་དང་གསུམ་མོ། །གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་ལ་རྒྱུ་མཚན་གསུམ་ནི། ལུས་ལོངས་སྤྱོད་གཉེན་གང་གིས་ཀྱང་མི་ཕན་པའི་རྒྱུ་མཚན་གསུམ་མོ། །ཐག་པ་བཅད་པ་གསུམ་ནི། ངེས་པར་འཆི་བ་བསམ་པའི་སྒོ་ནས་ཆོས་བྱེད་དགོས་པར་ཐག་བཅད། ནམ་འཆི་ངེས་མེད་བསམ་པའི་སྒོ་ནས་ད་ལྟ་ཉིད་ནས་ཆོས་བྱེད་དགོས་པར་ཐག་བཅད། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པར་བསམ་པའི་སྒོ་ནས་ཆོས་ཁོ་ན་བྱེད་དགོས་པར་ཐག་བཅད་པ་གསུམ་མོ། །འཆི་བ་དགུ་ཕྲུགས་ཀྱི་སྐོར་འདི་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལམ་རིམ་གྱི་གཞུང་རྣམས་སུ་ཤིན་ཏུ་གྲགས་ཆེ་ལ། མཉམ་མེད་དྭགས་པོ་ལྷ་རྗེའི་དྭགས་པོ་ཐར་རྒྱན་དུའང་གསལ་ལོ། །
|