From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཆི་སེམས
|
| Tibetan Definition
|
1 འཆི་བའི་ཚེ་གང་མངོན་དུ་གྱུར་པའི་སེམས་ལ། འཆི་སེམས་ཟེར། དེ་ལ་གསུམ་ཡོད། དགེ་བའི་འཆི་སེམས། མི་དགེ་བའི་འཆི་སེམས། ལུང་མ་བསྟན་གྱི་འཆི་སེམས་དང་གསུམ་ཡོད་དེ། ཀུན་བཏུས་དར་ཊཱིཀ་ལས། འཆི་སེམས་གསུམ་ཡོད་དེ། རང་གི་དགེ་རྩའི་སྟོབས་བསྐྱེད་པའམ། གཞན་གྱིས་གསལ་བཏབ་པ་ཡང་རུང༌། འཆི་སེམས་ཐ་མ་ལུང་མ་བསྟན་གྱི་སྔ་སྲོལ་སེམས་གསལ་བའི་ཚེ། སངས་རྒྱས་ལ་དམིགས་པའི་དད་པ་སོགས་དགེ་སེམས་ཀྱིས་འཆི་བ་དང༌། སེམས་གསལ་བའི་ཚེ་ཁོང་ཁྲོ་སོགས་མི་དགེ་བའི་སེམས་ཀྱིས་འཆི་བ་དང༌། རྐྱེན་དེ་གཉིས་ཀ་མ་ཚང་བ་ལུང་མ་བསྟན་གྱི་སེམས་ཀྱིས་འཆི་བ་ཡོད་པའི་ཕྱིར། ཞེས་གསུངས་སོ། །འཆི་སེམས་ལའང་ཕྲ་རགས་མང་པོ་ཡོད་ཅིང་། འཆི་སེམས་ཤིན་ཏུ་ཕྲ་བ་ནི། རྗེའི་རིམ་ལྔ་གསལ་སྒྲོན་ལས། རང་ལུགས་ལ་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་དེ། གསང་འདུས་འཕགས་ལུགས་ལྟར་ན་འཆི་བའི་འོད་གསལ་ཐམས་ཅད་སྟོང་པའི་སེམས་འཆི་སེམས་དང༌། དེ་ལས་ལུགས་ལྡོག་ཏུ་ལངས་པའི་ཉེར་ཐོབ་ཀྱི་སེམས་སྐྱེ་སེམས་ཡིན་ལ། དེ་གཉིས་ཀུན་གཞི་ལ་མི་རུང་བ་དང༌། ཞེས་གསུངས་པ་ལྟར་རོ། །གཞུང་ཆེན་མོ་རྣམས་སུ་འཆི་སེམས་ཞེས་འབྱུང་བ་དེའི་གོ་དོན་ནི་གོང་དུ་བཤད་པ་ལྟར་གོ་བར་བྱའི། དེ་ལས་གཞན་དུ། བདག་འཆི་བར་བྱའོ་སྙམ་པ་དང་། ང་འཆི་བཞིན་འདུག་སྙམ་པ་ལྟ་བུའི་སེམས་ལ་གོ་ལ། གོ་བ་ཤིན་ཏུ་འཕྱུགས་པ་ཡིན་ནོ། །འཆི་སེམས་ཀྱི་སྐོར། མངོན་པ་གོང་འོག་གཉིས་དང་། རྣམ་འགྲེལ་ལེའུ་གཉིས་པ་རྣམས་སུ་གསུངས་ཡོད། རྗེ་ཙོང་ཁ་པ་ཆེན་པོའི་གསུང་དུ་གོང་གི་དྲངས་པའི་རིམ་ལྔ་གསལ་སྒྲོན་གྱི་ལུང་དེ་དང་། ལེགས་བཤད་སྙིང་པོའི་ནང་ཟུར་ཙམ་
|