8042

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇའ་ས
Tibetan Definition 1 བཀའ། བཀའ་ལུང་། འཇའ་ས་དང་འཇྭ་ས་ནི་དོན་གཅིག དེབ་སྔོན་སྟོད་ཆ་ཤོག་གྲངས་༣༨ལས། ངེད་ (ཅིའུའི་རིགས་ཀྱི་རྒྱལ་རབས་བཞི་པ་ཅིའུ་ཝང) རང་གི་རིང་ལ་ (སངས་རྒྱས་ཤཱཀྱ་ཐུབ་པ) དེའི་འཇྭ་ས་ཡོང་ངམ་དྲིས་པས། ངེད་རང་གི་རིང་ལ་མི་འོང་གི ངེད་རང་ནས་རྒྱལ་པོའི་རབས་འདི་དང་ལོ་འདི་དང་ཉིན་ཞག་འདི་ལ་དེའི་འཇྭ་ས་ཁྱེར་བའི་མི་ཆ་ལུགས་འདི་ལྟ་བུ་བྱས་པ་བཞི་འོང་ཟེར། ཞེས་གསུངས་པ་ལྟར་རོ། །ཐུའུ་བཀྭན་གྲུབ་མཐའ་༤༥༠ལས་ཀྱང་། དེབ་སྔོན་ལས། ཧུ་པི་ལི་པཀྵི་དང་མཇལ་ནས། བོད་ཡུལ་སོགས་གང་བདེར་ཆོས་སྤྱོད་ཅིང་། ངེད་ལ་སྨོན་ལམ་བཟང་པོ་ཐོབ་ཅེས་ཞུས་ཏེ་འཇའ་ས་བཟང་པོ་བསྒྲགས། ཞེས་པ་ཙམ་ལས་མི་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །