8043

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇའ་ས
Tibetan Definition 2 དབང་ཆ་དང་ཐོབ་ཐང་ཕུལ་བའི་བཀའ་ཡིག ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་༡༤༡༥ལས། ཧོར་རྒྱལ་པོས་བནྡེའི་འཇའ་ས་གནང་བའི་སྔ་མའང་འདི་ཡིན་པར་སྣང་། ཞེས་གསུངས། ཡང་དེ་ཉིད་སྨད་ཆ་༡༤༢༢ལས། ཐམས་ཅད་ཁྲལ་དམག་འུ་ལག་གི་ཁྲིམས་ལས་ཐར་བ། མི་སྣའི་ལུང་མི་གཏོང་བ་སོགས་བསྟན་པ་ཤེད་བསྐྱེད་ཀྱི་འཇའ་ས་ཞུས་ཏེ་རྒྱ་དབུས་ཐམས་ཅད་དུ་བསྒྲགས། ཞེས་གསུངས། ཡང་ཞྭ་སྒབ་པའི་རྒྱལ་རབས་དེབ་སྟོད་ཆ་༢༨༥ལས། འཇའ་ས་ནི། དབང་ཆའི་བཀའ་ལུང་ངམ། བཀའ་ཡིག ཤེ་བམ་སོགས་ལ་ཟེར། ཞེས་གསུངས། ཡང་དེ་ཉིད་ལས། ཧོར་གྱིས་ཕུལ་བའི་འཇའ་ས་མུ་ཏིག་མ་དང་། བནྡེ་ཤེད་བསྐྱེད་མའམ། འཇའ་ས་བོད་ཡིག་མ་གྲགས་པ་གཉིས་སྔ་རྗེས་སུ་ཕུལ་བས། ཞེས་གསུངས་སོ། །