8044

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇའ་ས
Tibetan Definition 3 གཟེངས་བསྟོད་སོགས་གནང་བའི་བཀའ་ཡིག དག་ཡིག་གསར་བསྒྲིགས་ལས། གོ་ས་དང་གཟེངས་བསྟོད་སོགས་གནང་བའི་ཡི་གེའི་མིང་དུ་བཤད། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༤༢༨ལས། དེ་མོ་སྤྲུལ་སྐུར་གུ་ཤྲཱིའི་ལུང་ལས་ཀྱི་ཐམ་ཀ་དང་འཇའ་ས་ལེགས་སྐྱེས་ཀྱི་བདོག་པ་ཚན་གྲངས་དང་བཅས་བྱིན། ཞེས་གསུངས་པ་ལྟར་རོ། །ཆོས་འབྱུང་མཁས་པའི་དགའ་སྟོན་༩༤༠ལས་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་སངས་རྒྱས་ཀརྨ་པ་ཞེས་མཚན་དང་ཤེལ་གྱི་སྤེལ་ཀ་གསེར་གྱི་སྒོར་མོ་རྣམས་འཇའ་སར་ཕུལ། ཞེས་གསུངས།