From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| འཇིག་ལྟ་ཉི་ཤུ
|
| Tibetan Definition
|
1 འདི་དག་ལ་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་ཡང་ཟེར། གཟུགས་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བ། བདག་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པར་ལྟ་བ། གཟུགས་ལ་བདག་རང་བཞིན་གྱིས་ཡོད་པར་ལྟ་བ། བདག་ལ་གཟུགས་རང་བཞིན་གྱིས་ཡོད་པར་ལྟ་བ་དང་བཞིའོ། །དེ་བཞིན་དུ་ཚོར་བ་ལ་སྦྱར་ནས་བཞི། འདུ་ཤེས་ལ་བཞི། འདུ་བྱེད་ལ་བཞི། རྣམ་ཤེས་ལ་བཞི་སྟེ་ཉི་ཤུའོ། །རྗེའི་འཇུག་པའི་ཊཱིཀ་ཆེན་ལས། གཟུགས་ནི་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བ་དང་བདག་ནི་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པ་མིན་པ་ལ་དེར་ལྟ་བ་དང། གཟུགས་ལ་བདག་དང་བདག་ལ་གཟུགས་རང་བཞིན་གྱིས་ཡོད་པ་མིན་པ་ལ་དེར་ལྟ་བ་བཞི་སྟེ། གཟུགས་ཕུང་ལ་བཤད་པ་དེ་ལྟར་འཇིག་ལྟས་ལྟ་བའི་ཚུལ་རྣམ་པ་བཞིར་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་པོ་ཀུན་ལ་བཞི་བཞིར་ལྟ་བ་ཤེས་པར་བྱ་སྟེ། དེ་དག་ནི་བདག་ཏུ་ལྟ་བ་འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་འདོད་པ་ཡིན་ནོ། །ཞེས་གསུངས་སོ། །དབུ་ལ་འཇུག་པ་ལས། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་གསུངས།
|