8094

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས
Tibetan Definition (འདུལ་བ) ནད་གདོན་དང་རྒྱལ་པོའི་ཆད་པ་ལྟ་བུ་ལ་འཇིགས་ནས་བླངས་པའི་སྡོམ་པ་ལ་ཟེར། མཁས་གྲུབ་ཆོས་རྗེའི་སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར་༤བ༢ལས། ཚེ་འདིར་ནད་དང་རྒྱལ་པོའི་ཆད་པ་སོགས་ལས་ཐར་པའི་སླད་དུ་བླངས་པ་ནི། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཞེས་གསུངས་སོ། །མཛོད་རང་འགྲེལ་ལས། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང། ཚིགས་སུ་བཅད་པ་མེད་པ་དང། ཆད་པ་དང་། ངན་འགྲོས་འཇིགས་ནས་བསྲུང་བ་གང་ཡིན་པའོ། །ཞེས་གསུངས་སོ། །གནའ་བོ་རབ་ཏུ་བྱུང་བ་རྣམས་ལ་རྒྱལ་པོས་ཆད་པ་གཅོད་སྲོལ་མེད་པས། ཡུལ་ཁྲིམས་དང་འགའ་རེས་ཡུལ་གྱི་རྒྱལ་པོས་ཆད་པ་གཅོད་ཀྱིས་དོགས་ནས་རབ་ཏུ་འབྱུང་གི་ཡོད་པ་འདྲ། ལུང་རྣམ་འབྱེད་ལས་ཉེ་སྡེ་སྲོག་བྱོལ་གྱི་ཆེད་དུ་རབ་ཏུ་བྱུང་བར་གསུངས་པ་ལྟ་བུའོ། །