8099

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇུག་ངོགས
Tibetan Definition (ཕར་ཕྱིན) 1 འཇུག་སའི་ལམ། འགྲོ་སའི་ལམ། ལམ། འཇུག་སྒོ་བཅས་ཀྱི་དོན། ལུང་རྣམ་འབྱེད་ལས། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཞེས་གསུངས། དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༠ན༢ ལས། འཇུག་ངོགས་བདེ་བའི་ཞེས་བྱ་བ་ནི་འཇུག་པའི་ལམ་བདེ་བའོ། །ཞེས་གསུངས་པ་ལྟར་རོ། །རྗེའི་ལམ་རིམ་བསྡུས་དོན་ལས། སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །2 འབབ་སྟེགས། གྲུ་ཚུགས། གྲུའི་འབབ་ཚུགས། གྲུ་གཟིངས་ནས་འབབ་སའི་སྟེགས་བུ། 3 འགྲམ། འབབ་སྟེགས། རྒྱ་མཚོའི་འཇུག་ངོགས་ཞེས་པ་ལྟ་བུ།