8200

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:00, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདུ་ཤེས་མེད་པ
Tibetan Definition (ཕར་ཕྱིན) འདུ་ཤེས་མེད་པའི་སྙོམས་འཇུག་གི་སྟོབས་ཀྱིས་ཐོབ་པས་བསམ་གཏན་བཞི་པའི་གནས་གཞན་འབྲས་བུ་ཆེ་བའི་ནང་ཚན་དུ་གྱུར་པའི་འཇུག་ཤེས་ཚོགས་དྲུག་འཁོར་བཅས་མངོན་གྱུར་འགགས་པའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །མངོན་པ་མཛོད་ལྟར་ན་འདི་དང་འདུ་ཤེས་མེད་པའི་སྙོམས་འཇུག་གི་ཁྱད་པར་ནི། འདི་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུར་བཤད་དོ། །