8381

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:12, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕན་ཡུལ
Tibetan Definition ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་ཀྱི་ཡུལ་གྱི་མིང༌། འདི་སྐོར་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་འདི་ལྟར་གསུངས་ཏེ། འཕན་ཡུལ་དེ་ལྷ་སའི་ལུང་པ་དང་རི་རྒྱུད་གཅིག་གི་ཕན་ཚུན་དུ་འདུག་མོད། སྔོན་གྱི་གདན་ས་ལྷ་ས་ལས་ཀྱང་ཕྱོགས་དེ་ན་མང་བ་ཙམ་འདུག འཕན་སྟོད་ནི་འབྲོག་ས་ལྟ་བུ་ཁ་ཞེང་ཆེ་ཞིང་ཉམས་དགའ་བ་ཞིག་སྣང༌། གླང་ཐང༌། པོ་ཏོ། བྲག་རྒྱབ་སོགས་བཀའ་གདམས་པའི་གདན་ས་མིང་ཆེ་ཆེ་ཕལ་ཆེར་ལུང་པ་དེའི་མགོ་མཇུག་ཙམ་ལ་འཇུག བཀའ་གདམས་པའི་དགོན་རྙིང་དེ་ཀུན་ཕལ་ཆེར་མཆོད་རྟེན་གྱིས་གང་བསྡད་པ་ལྟ་བུར་འདུག་ཅིང༌། རྒྱ་གར་དུ་ཡང་དྲང་སྲོང་ལྷུང་བ་དང༌། ནཱ་ལེན་དྲའི་དགོན་ཤུལ་རྣམས་ན་ཡང་མཆོད་རྟེན་ཆེ་ཆུང་གྲངས་ཀྱིས་མི་ལང་བ་ལྟ་བུ་འདུག་པས་སྔོན་གྱི་སྲོལ་དེ་ག་རང་ཡིན་འདུག དགོན་སྡེ་དེ་ཀུན་ལས་རྙིང་ཤོས་རྒྱལ་ལྷ་ཁང་བྱ་བ་འཕན་སྟོད་དུ་འདུག་ཅིང༌། དེ་ནི་འགོས་ལོས་སངས་རྒྱས་བསྟན་པའི་རྩ་བར་གྱུར་པའི་གནས་གཞི་ཆེན་པོ་བཞི་ཞེས་གསུངས་པའི་ཡ་གྱལ་ཏེ། བླ་ཆེན་པོའི་དངོས་སློབ་ཀླུ་མེས་ཀྱིས་མཁན་བུ་ཞང་སྣང་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པ་ཡིན་ཞིང༌། དར་མས་ཆོས་བསྣུབས་ནས་ལོ་བརྒྱ་དང་བཅུ་གསུམ་ཙམ་ན་ཡིན་པས། བསྟན་པ་ཕྱི་དར་གྱི་དང་པོའི་གནས་གཞིའི་གྲས་ཡིན། གཙང་ཁང་སྦུག་ཏུ་བྱམས་པའི་སྐུ་ཤིན་ཏུ་ཆེ་བ་ཞིག་དང༌། གསུང་རབ་ཀྱི་གླེགས་བམ་རྩིག་པ་བཞིན་དུ་གླེགས་ཤིང་མེད་པར་གནམ་དུ་ཐུག་ཐུག་ཏུ་ཡོད་པ་དེ་འདྲ་རྭ་སྒྲེང་ས་སྐྱ་སོགས་ན་ཡང་འདུག གླེགས་བམ་དེ་དག་ཆེས་གནའ་བོའི་དུས་ཀྱི་ཡི་གེ་རྙིང་མ་རང་དུ་འདུག་ཅིང༌། ཡིག་རྙིང་གི་གཟུགས་སོགས་ཅི་ལྟར་ཡོད་པ་འོག་ཏུ་དཀྱུས་གཅིག་ཏུ་འཆད་པར་བྱའོ། །གཙང་ཁང་དེའི་ཟུར་གཅིག་རྒྱ་གར་གྱི་བཟོ་ལུགས་འཁྲུལ་མེད་ཀྱི་བྱམས་པ་གཙོ་འཁོར་གསུམ་པ་ཞིག་གི་རྡོ་སྐུ་མི་ཚད་མ་ལོང་ཙམ་ཞིག་འདུག ཅེས་སོགས་གསུངས་སོ། །