8393

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:12, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕྱང་མོ་ཉུག
Tibetan Definition 2 ཐེ་ཚོམ་གྱི་མིང་སྟེ། འཕྱང་མོ་ཡུག་ཀྱང་འཐད། སྒྲ་བཤད་ནི། འཕྱང་མོ་ཉུག་ཅེས་པ་ནི། གནས་གཅིག་ཉིད་དུ་མི་སྡོད་པར་འཕྱང་འཕྲུལ་དུ་གཡོ་བའི་ཐག་པ་ལ། འཕྱང་མོ་ཉུག་པ་ཟེར་ལ་དེ་ལ་དཔེ་སྦྱར་བ་སྟེ། དེ་ཡང་འཕྱང་མོ་ནི་འཕྱང་འཕྲུལ། ཉུག་ནི་ཡུག་པའམ་གཡུག་པའི་དོན་ཏེ། འཕྱང་འཕྲུལ་དུ་གཡུག་པའམ་གཡོ་བའི་དོན་ནོ། །བསྟན་དར་ལྷ་རམས་པས་ཀྱང་། འཕྱང་མོ་ཉུག་དང་འཕྱང་མོ་ཡུག་པ་ནི་ཐེ་ཚོམ་ཞེས་དེ་གཉིས་དོན་གཅིག་ཏུ་བཤད་པའི་ཕྱིར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་པ་ལས་ཀྱང་། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་ན་བསྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་འཕྱང་མོ་ཉུག་པའི་ཐག་པ་ལ་འདུག་པ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །ཞེས་གསུངས་པའང་འདི་དང་འདྲའོ། །དཔྱང་ཐག་ལ་འཇུག་པ་དང་། དཔྱང་ཐག་འཛིན་པ་ཞེས་པའང་འདི་དང་དོན་འདྲ་བར་སེམས་སོ། །