8400

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:13, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕྱི་བ་འཕྱི་བ
Tibetan Definition (འདུལ་བ) ཡུན་རིང་པོའི་རྗེས་སུ་སླེབས་པ་ལ་ཟེར། ཡང་ཡང་མ་ཡོང་བ་ལའང་ཟེར། ལུང་རྣམ་འབྱེད་༼ ཅ་པ ༽༢༣བ༥ལས། ཇོ་ཅོ་བཟང་བྱིན་འཕྱི་འཕྱི་བར་རང་གི་ཁབ་ཏུ་བྱོན་ནས། དེ་རང་གི་ཁབ་ནས་སྦྱིན་པ་མ་བརྙེས། ཞེས་གསུངས་པ་ལྟར་རོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣ ན༧ལས། འཕྱི་བོ་འཕྱི་བོ་ཞེས་བྱ་བ་ནི་སྔར་ཡང་དང་ཡང་དུ་མ་འོངས་པ་སྟེ། རྣམ་པའི་ཚིག་ཡིན་པས་ལན་གཉིས་བཟླས་སོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། འཕྱི་བ་ནི་ཕྱི་པོ་དང་དོན་གཅིག་ཅིང་། ལན་གཉིས་སྨོས་པ་ནི་ཧ་ཅང་ཡུན་རིང་བར་བསྟན་པའི་ཆེད་དུའོ། །