8583

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཛམ་གླིང་ཆུང་ངུ༌
Tibetan Definition ལྷོ་འཛམ་བུ་གླིང་དང་དེའི་གླིང་ཕྲན་གཉིས་བཅས་ལ་འཛམ་གླིང་ཆུང་ངུ་ཟེར། འདི་དུས་འཁོར་གྱི་ཐ་སྙད་ཅིག་ཡིན། ལྕང་སྐྱ་རོལ་པའི་རྡོ་རྗེའི་བཟོ་རིག་པའི་སྐོར་གྱི་དག་ཡིག་མཁས་པའི་འབྱུང་གནས་དང་། ཀློང་རྡོལ་བླ་མ་གསུང་འབུམ་གླེགས་བམ་དང་པོ་༢༣༢ན་གསལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལྷོ་གླིང་དབུས་མ་དེའི་བྱང་མ། གངས་ལྡན། ཤམ་བྷ་ལ། རྒྱ་ནག ལི་ཡུལ། བོད། རྒྱ་གར་བཅས་ཡུལ་དྲུག གཞན་ཡང་རྒྱ་གར། བོད། ལི་ཡུལ། རྒྱ་ནག རྒྱ་ནག་ཆེན་པོ། ཤམ་བྷ་ལ་ཞེས་བརྩི་ལུགས་ཀྱང་ཡོད། ཅེས་ཅུང་ཟད་མི་མཐུན་པར་སྣང༌། གླིང་ཕྲན་ནམ་གླིང་གཡོག་གཉིས་ནི་རྔ་ཡབ་དང་རྔ་ཡབ་གཞན་གཉིས་སོ། །