From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཡ་མཱནྟ་ཀྲྀཏ
|
Tibetan Definition
|
(ལེགས་སྦྱར) གཤིན་རྗེ་མཐར་བྱེད། སྒྲ་བཤད་ནི། གཤིན་རྗེ་ནི་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་ལས་སྒྲིབ་དང༌། དེ་འཇིག་ཅིང་ཟད་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དོ། །དྲང་དོན་ནོ། །གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ་མ་རིགས་པའོ། །རྨོངས་པ་དེ་དོན་དམ་པའི་བདེན་པ་འོད་གསལ་དུ་ཞུགས་པས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ། ངེས་དོན་ནོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས།
|