8704

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:33, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡན་ལག་བདུན་པ
Tibetan Definition ཕྱག་འཚལ་བ། མཆོད་པ་འབུལ་བ། བཤགས་པ། རྗེས་སུ་ཡི་རང༌། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བསྔོ་བ་དང་བདུན་ནོ། །བཟང་པོ་སྤྱོད་པའི་སྨོན་ལམ་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཕྱག་འཚལ་བས་ང་རྒྱལ་གྱི་གཉེན་པོ། མཆོད་པས་སེར་སྣའི་གཉེན་པོ། བཤགས་པས་དུག་གསུམ་གའི་གཉེན་པོ། རྗེས་སུ་ཡི་རང་གི་ཕྲག་དོག་གི་གཉེན་པོ། ཆོས་འཁོར་བསྐོར་བར་བསྐུལ་བས་ཆོས་སྤོང་གི་གཉེན་པོ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པས་བླ་མར་བློ་ངན་སྐྱེས་པའི་གཉེན་པོ། བསྔོ་བས་ལོག་ལྟའི་གཉེན་པོ་བྱེད་པ་བཅས་སོ། །