From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཡིག་མགོ
|
Tibetan Definition
|
(བརྡ་སྤྲོད) རི་མོ་འདི་ “༄༅” ལ་དང་ཀྱོག་དང་། དབུ་ཁྱུད། བེརྒ། ཡོངས་གྲགས་སུ་ཡིག་མགོ་ཞེས་བྱ། ཡིག་མགོ་ནི་ལུས་མཛེས་པར་བྱེད་པའི་མགོ་ལྟ་བུ་ཡིན་པར་བཤད་ལ། འདི་ཡི་གེའི་དང་པོར་འབྱུང་ཞིང་དབྱིབས་ཀྱོག་ཀྱོག་ཡིན་པས་དང་ཀྱོག་ཟེར། འདི་ནི་དོན་དུ་ན་ལེགས་སྦྱར་གྱི་ༀ་ཡིག་འདི་རང་༼ ॐ ༽ཡིན་ཏེ། དེབ་ཐེར་དཀར་པོ་ལས། ཡིག་མགོའི་དང་ཀྱོག་འདི་ཡང་ༀ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེ་རྣམས་ཀྱི་ལྡེབས་དང་པོ་ལ་ༀ་ཡིག་རེ་བྲི་སྲོལ་འདུག་ཅིང་། རྒྱ་ཡིག་གི་ༀ་གྱི་གཟུགས་ནི་ད་ལྟའི་བར་༼ ॐ ༽ འདི་ལྟར་སྣང་ལ། རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་ཡང་དང་ཀྱོག་༼ ॐ ༽འདི་འདྲ་འདུག རྙིང་མའི་གཏེར་ཆོས་དག་གི་དབུ་ལ༼ ॐ ༽འདི་འདྲ་འབྱུང་བ་དེ་ཡང་ༀ་དུ་འདུག་སྙམ། ཞེས་དགེ་འདུན་ཆོས་འཕེལ་གསུང་བ་ལྟར་རོ། །
|