8779

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་བཞིན་གྱི་ནོར་བུ
Tibetan Definition <ཙིནྟ་མ་ཎི> གང་ལ་གསོལ་བ་བཏབ་ན་བསམ་དོན་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་རིན་པོ་ཆེ་ཞིག ལེགས་སྦྱར་དུ་ཙིནྟ་མ་ཎི་ཟེར། ཙིནྟ་མ་ཎི་ཞེས་བྱ་བ་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་༡༢༤ལས། ཙིནྟ་མ་ཎི་ཁ་དོག་སེར། །དེ་ལ་ཚོན་མདངས་སྣ་ལྔ་ཡི། །མིག་མཚུངས་རི་མོ་བདུན་ཡོད་ལ། །ཡོན་ཏན་ཁྱད་པར་དེར་བལྟས་པའི། །རྗེས་སུ་ཉིན་ཡང་སྐར་མ་མཐོང་། །རས་མང་བརྩེགས་པའི་འོག་བཞག་ཀྱང་། །བདེན་པའི་སྟོབས་ནི་བརྗོད་ཙམ་ན། །དེ་ཉིད་སྟེང་དུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་དེབ་གཟུགས་༩༢ལས་ཀྱང་འདི་ལྟར། ཡིད་བཞིན་ནོར་བུ་འཆང་བས་བསམ་པ་འགྲུབ། །ཅེས་པ་ནི། ཙིནྟ་མ་ཎི་ཞེས་བྱ་བའི་རིན་པོ་ཆེ་སྟེ། མདོག་སྣ་ལྔའི་རི་མོ་མིག་ལྟ་བུ་བདུན་ཡོད་པ། ཁ་དོག་སྤྱིར་དྭངས་སེར་ཅན། ཆེ་ཚད་མཐེ་བོང་གཉིས་གཤིབས་པ་ཙམ་ཡོད་ལ། དེ་ནི་རས་དུ་མ་བརྩེགས་པའི་འོག་ཏུ་བཞག་སྟེ་བདེན་སྟོབས་བརྗོད་ན་རས་མ་བརྟོལ་བར་སྟེང་དུ་འབྱུང་བས་ཅི་སྨོན་འགྲུབ་པར་རྟགས་དང་། དེ་ནམ་མཁར་བཏེག་པ་མིག་ལ་བཀབ་ནས་བལྟས་པས་ཉིན་དཀར་ཡང་ཉི་འོད་ཀྱིས་མི་སྒྲིབ་པར་གནམ་གྱི་སྐར་མ་ཐམས་ཅད་མཐོང་བ་སྟེ། ཡུལ་མ་ངེས་པ་གང་ནས་ཀྱང་འབྱུང་ལ་རིན་ཚད་ནི་འཛམ་བུ་གླིང་ཚང་མའི་ཚད་ཡིན་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། །