8836

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:43, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུལ་ངེས་ལྔ
Tibetan Definition འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་ལྔའོ། །སྒྲ་བཤད་ནི། འདིའི་ཡུལ་ངེས་ཞེས་པ་ཡུལ་ཚད་མས་ངེས་པ་ཙམ་ལ་མི་ཟེར་བར། ཡུལ་གཏན་འཁེལ་བའི་དོན་ཡིན། དཔེར་ན་འདུན་པའི་ཡུལ་ལ་འདོད་པའམ་བསམ་པའི་དངོས་པོ་ཡིན་དགོས་པ་དང༌། མོས་པའི་ཡུལ་ལ་ཚད་མས་ངེས་ཟིན་གྱི་ཡུལ་ཡིན་དགོས་པ་དང༌། དྲན་པའི་ཡུལ་ལ་འདྲིས་པའི་དངོས་པ་ཡིན་དགོས་པ་དང༌། ཏིང་ངེ་འཛིན་གྱི་ཡུལ་ལ་བརྟགས་ཟིན་པའི་དངོས་པོ་ཡིན་དགོས་པ་དང༌། ཤེས་རབ་ཀྱི་ཡུལ་ལ་བརྟག་བྱའི་དངོས་པ་ཡིན་དགོས་པ་ལྟ་བུ་ལ་ཟེར་རོ། །མཆིམས་མཛོད་དེབ་གཟུགས་༡༣༣ལས། འདུན་པ་བསམས་པའི་དངོས་པོ་ཁོ་ན་དང༌། མོས་པ་ངེས་པའི་དངོས་པོ་ཁོ་ན་དང༌། དྲན་པ་འདྲིས་པའི་དངོས་པོ་ཁོ་ན་དང༌། ཏིང་ངེ་འཛིན་དང་ཤེས་རབ་སྐྱོན་ཡོན་བརྟག་པའི་དངོས་པོ་ཁོ་ན་ལ་འཇུག་གི་མ་བསམས་པ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པས་འདུན་པ་ལ་སོགས་པ་ལྔ་ནི་ཡུལ་སོ་སོར་ངེས་པ་དང༌། ཞེས་གསུངས་པ་ལྟར་རོ། །