8854

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:44, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡེ་ཤེས
Tibetan Definition <ཛྙཱན> 1 མཁྱེན་པ། རྟོག་པ། (འདིའི་རྟོག་པ་ཞེས་པ་རྟོག་པ་དང་རྟོག་མེད་ཅེས་པའི་རྟོག་པ་ལ་མི་གོ་བར་མཁྱེན་པའི་ཡོན་ཏན་ལ་གོ་དགོས། དཔེར་ན་རྟོག་པའི་ཡོན་ཏན་ཞེས་པ་ལྟ་བུ) 2 (དགེ་ལུགས) འཕགས་པའི་མཁྱེན་པའམ་ལམ་སྤྱིའི་མིང༌། 3 འོད་གསལ་གྱི་ཤེས་པ། རྟོག་བྲལ་ལམ་རྟོག་པ་དག་པ། འདི་ནི་སྐད་དོད་ཛྙཱན་དང་མཐུན་པའི་ཡེ་ཤེས་ཀྱི་དོན་ཡིན། སྒྲ་བཤད་ནི། ཡེ་ནི་ཐོག་མའམ་གདོད་མ། ཤེས་ནི་ཤེས་པ་སྟེ་གདོད་མའི་ཤེས་པའམ་གདོད་མ་ནས་རང་ཆས་སུ་གནས་པའི་ཤེས་པ་ཞེས་བྱ། དགེ་ལྡན་པའི་ལུགས་ལ་གདོད་མའི་ཤེས་པ་ཞེས་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྟ་བུ་ལ་ངོས་བཟུང་ན་རུང་ངོ་། །སྤྱིར་བཏང༌། ཡེ་ཤེས་དང༌། ཕྱག་རྒྱ། གོ་རིམ་སོགས་ལ་རྒྱ་གར་ན་ཡེ་དང༌། ཕྱག་དང༌། གོ་ལ་སོགས་པའི་སྒྲ་མེད་ཀྱང༌། བོད་སྐད་ལ་ཚིག་སྦྱར་བ་གོ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ་མཁས་འཇུག་ཏུ་གསུངས། ཞེས་རྗེ་གུང་ཐང་པ་གསུང་ངོ༌། །ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་ཀྱང༌། ཡེ་ཤེས་ཀྱི་ནི་བཤད་པ་ལ། །གདོད་མའི་ཤེས་པར་འཆད་པ་དང༌། །ཞེས་ཚིག་ལ་འཁྲུལ་བའི་གྲངས་སུ་གསུངས་ནས་དགག་པ་མཛད་པར་གསུངས་སོ། །ཡེ་ཤེས་ཀྱི་སྐད་དོད་ཛྙཱནའི་ངེས་ཚིག་ནི། སྒྲོན་གསལ་ལས། ཛྙཱནི་རྟོག་པའོ། །ན་ནི་དགག་པ་ལ་འཇུག་སྟེ། གང་ལ་རྟོག་པ་མེད་པ་དེ་ནི་ཡེ་ཤེས་སོ། །ཞེས་རྟོག་བྲལ་ལ་ཡེ་ཤེས་ཞེས་བཤད། རྗེའི་སྒྲོན་གསལ་གྱི་མཆན་བུར། ཛྙཱ་ནི་རྟོག་པ་སྟེ་སྣང་བ་གསུམ་གྱི་ཡེ་ཤེས་སོ། །ན་ནི་དགག་པ་ལ་འཇུག་སྟེ། འོད་གསལ་གང་ལ་སྣང་བ་གསུམ་གྱི་རྟོག་པ་མེད་པ་སྟེ་དག་པ་དེ་ནི་ཡེ་ཤེས་སོ། །ཞེས་འོད་གསལ་གྱི་སེམས་ལ་རྟོག་པ་དག་པའམ་རྟོག་བྲལ་དུ་བཤད་དོ། །4 (བཀའ་བརྒྱུད) སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སམ་རང་བཞིན་གྱིས་གནས་པའི་སྟོང་གསལ་གྱི་རིག་པ། སྒྲ་བཤད་ནི། ཡེ་གདོད་མ་ནས་སེམས་ཅན་གྱི་རྒྱུད་ལ་རང་ཆས་སུ་གནས་པའི་ཤེས་པ་ཡིན་པས་ཡེ་ཤེས་སམ་གདོད་མའི་ཤེས་པ་ཞེས་བྱའོ། །དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་༡༠༧༨པར། ཛྙཱ་ནའི་སྒྲས་སེམས་ཅན་གྱི་ཤེས་པ་བརྗོད་ཚེ་ཤེས་པའམ་རྣམ་ཤེས་དང༌། སངས་རྒྱས་ཀྱི་ཤེས་པ་བརྗོད་ཚེ་ཡེ་ཤེས་སུ་བསྒྱུར་དགོས་པར་ལོ་པཎ་གྱིས་བཀས་བཅད་པ་ཡིན་གྱི་སྐད་དོད་ཐ་དད་མེད་ལ། ཞེས་གསུངས་སོ། །