From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| རགས་པ་གནས་སྐབས་པའི་ལུས
|
| Tibetan Definition
|
ཤ་རུས་གདོས་བཅས་ཀྱི་ལུས་ལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། །འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་པ་དང༌། གཉུག་མ་བའི་ལུས་སོ། །དེའི་དང་པོ་ནི། རླུང་སེམས་ཙམ་གྱི་ལུས་ལས་གཞན་པའི་རྣམ་སྨིན་གྱི་འབྱུང་ལུས་རགས་པ་ལ་སོགས་པའི་ལུས་སོ། །གཉིས་པ་ནི། རླུང་སེམས་ཙམ་ལས་གྲུབ་པའི་ལུས་སོ། །ཞེས་གསུངས་སོ། །སྒྲ་བཤད་ནི། འདི་ལ་རགས་པ་གནས་སྐབས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྣམ་སྨིན་གྱི་ལུས་རགས་པ་འདི་སྐྱེ་བ་ཐོག་མ་མེད་པ་ནས་རྒྱུན་མི་ཆད་དུ་འབྱུང་བ་མིན་པར། ཚེ་འདིར་གློ་བུར་བྱུང་བའི་ལུས་རགས་པ་ཡིན་པས། རགས་པ་གནས་སྐབས་པའི་ལུས་ཞེས་ཟེར་རོ། །
|