9148

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:04, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་རབ
Tibetan Definition <སུ་མེ་རུཿ> རི་རབ་ལྷུན་པོ། རིའི་རྒྱལ་པོ་རི་རབ། རི་རབ་ལ་དཔག་ཚད་༡༦༠སྟེ། ཀི་ལོ་མི་ཀྲར་རམ་སྤྱི་ལེ་༡༢༦༤ཡོད། དཔག་ཚད་བརྒྱད་ཅུ་མཚོའི་ནང་དང་བརྒྱད་ཅུ་ས་སྟེང་དུ་ཡོད། འདིའི་ཆེ་ཆུང་དཔེ་མཚོན་གྱི་སྒོ་ནས་བཤད་ན། འཛམ་གླིང་གི་རི་མཐོ་ཤོས་སུ་གྲགས་པ་ཇོ་མོ་གླང་མ་ཡིན་ལ། དེ་ལའང་སྤྱི་ལེ་8.848 སྟེ་སྤྱི་ལེ་༩དགུ་མ་ལོངས་ཙམ་ལས་མེད་པས། རི་རབ་ནི་ཧ་ཅང་གི་ཆེན་པོ་ཡིན་པ་གསལ་པོ་རེད། རིའི་རྒྱལ་པོ་རི་རབ་ནི། འཇིག་རྟེན་གྱི་ཁམས་ཐོག་མར་ཆགས་པའི་ཚེ། དང་པོ་རླུང་གི་དཀྱིལ་འཁོར། དེའི་སྟེང་ཆུ། དེའི་སྟེང་སའི་དཀྱིལ་འཁོར་ཆགས་ཤིང་། དེའི་རྗེས་ལ་ནམ་མཁའ་ལ་སྤྲིན་འཁྲིགས་ཏེ་ལོ་མང་དུ་ཆར་བབས་པ་ལས་ཡང་མཚོ་ཆེན་པོ་ཞིག་ཆགས་ཏེ། མཚོ་དེ་རླུང་གིས་དཀྲུགས་པ་ལས་དེའི་ཁམས་རབ་བསྲུབས་པ་ལས། རི་རབ་ཆགས་སོ། །ཁམས་འབྲིང་ལས་གསེར་གྱི་རི་བདུན། ཁམས་ཐ་མ་ལས་གླིང་བཞི་དང་གླིང་ཕྲན་བརྒྱད་ཆགས་སོ། །ལྷུན་པོ་ནི། ཤར་དངུལ་དང་། ལྷོ་བཻཌཱུརྱ། ནུབ་ཤེལ་དམར་པོ། བྱང་གསེར་ཏེ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་འོད་ཀྱིས་དེའི་ངོས་ཀྱི་ནམ་མཁའང་དེའི་ཁ་དོག་ཏུ་སྣང་ལ། དེའི་འོད་ཀྱིས་ངོས་ཀྱི་རྒྱ་མཚོའང་དེའི་ཁ་དོག་ཏུ་སྣང་ངོ་། །རི་རབ་ལ་དཔག་ཚད་ཁྲི་བཅུ་དྲུག་ཡོད་ལ། ཆུའི་སྟེང་དུ་བརྒྱད་ཁྲི་འཕགས་སོ། །རི་རབ་འདི་ལ་ཆུའི་མཚམས་ཡན་ཆད་ལ་བང་རིམ་བཞི་ཡོད་དོ། །བང་རིམ་དང་པོ་ན་གནོད་སྦྱིན་ལག་ན་གཞོང་ཐོགས། གཉིས་པ་ན་མེ་ཏོག་གི་ཕྲེང་བ་ཐོགས་པ། གསུམ་པ་ན་འགུན་ཆང་གིས་རྟག་ཏུ་མྱོས་པ། བཞི་པ་ན་རྒྱལ་པོ་ཆེན་པོ་བཞི་བཅས་སོ། །འདིའི་སྐོར་མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༡༨༩ན༤ལས་གསུངས་སོ། །