From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རིམ་ལྔ
|
Tibetan Definition
|
1 ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་དང་ལྔའོ། །ལུས་དབེན་ལ་རིམ་པ་གཉིས་ཀའི་ཆ་ཡོད་པས། རྫོགས་རིམ་གྱི་ཆ་ངག་དབེན་དུ་བསྡུས་ནས། ངག་དབེན་ནམ་རྡོར་བཟླས་ཀྱི་རིམ་པ། སེམས་དབེན་ནམ་དགོངས་པ་བླ་ན་མེད་པའི་རིམ་པ། སྒྱུ་ལུས་སམ་བདག་བྱིན་རླབས་ཀྱི་རིམ་པ། འོད་གསལ་ལམ་མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་གི་རིམ་པ་དང་ལྔའོ། །འདི་ལ་རྫོགས་རིམ་རིམ་པ་ལྔ་ཞེས་བྱ། རིམ་ལྔ་ཞེས་པ་རྫོགས་རིམ་རིམ་པ་ལྔ་ལ་གྲགས་ཆེ། རྒྱས་པ་རྫོགས་རིམ་རིམ་པ་ལྔ་ལ་གཟིགས།
|